གདུག་ཅན་ནད་འབུབ་ཁྱབ་སྤེལ་འགྱོ་བའི་དུས།།
མི་རྣམས་ཀུན་ལུ་བཀའ་སྡུག་ཕོག་པའི་དུས།།
མི་དབང་མངའ་བདག་རྒྱལ་པོའི་ཐུགས་བརྩེ་ཆེ།།
གཞུང་ཞབས་གསོ་བའི་མཁས་ཆོག་ལྡན་པ་དགའ།།
ལགཔ་གཉིས་གླང་ལེབ་བཏབ་སྟེ་འཁྱུ་ནི་གཅིག།
མི་དམངས་འཛོམས་སར་འགྱོ་ནི་འཛེམ་ནི་གཉིས།།
ཨ་རྟག་རང་སོའི་ཁྱིམ་ནང་སྡོད་ནི་གསུམ།།
དེ་གསུམ་རྟག་བུ་སེམས་ཁར་ངེས་དགོ་པས།།
མི་དབང་ཡབ་སྲས་གཉིས་ཀྱི་ཐུགས་སྨོན་ཆེ།།
བཀའ་སྲུང་ཆོས་སྲུང་རྣམས་ཀྱི་མགོན་སྐྱབས་དང་།།
འགྱུར་མེད་དད་པ་མཀོན་མཆོག་གསུམ་མར་བསྐྱེད།།
རང་གི་སྙིང་སྟོབས་ཆེན་པོའི་སྒོ་ལས་བཞུགས།།
བཀྲིན་ཆེ། 🙏🙏🙏
རྩོམ་མི་ཕུར་པ་ཚེ་རིང་།
མི་རྣམས་ཀུན་ལུ་བཀའ་སྡུག་ཕོག་པའི་དུས།།
མི་དབང་མངའ་བདག་རྒྱལ་པོའི་ཐུགས་བརྩེ་ཆེ།།
གཞུང་ཞབས་གསོ་བའི་མཁས་ཆོག་ལྡན་པ་དགའ།།
ལགཔ་གཉིས་གླང་ལེབ་བཏབ་སྟེ་འཁྱུ་ནི་གཅིག།
མི་དམངས་འཛོམས་སར་འགྱོ་ནི་འཛེམ་ནི་གཉིས།།
ཨ་རྟག་རང་སོའི་ཁྱིམ་ནང་སྡོད་ནི་གསུམ།།
དེ་གསུམ་རྟག་བུ་སེམས་ཁར་ངེས་དགོ་པས།།
མི་དབང་ཡབ་སྲས་གཉིས་ཀྱི་ཐུགས་སྨོན་ཆེ།།
བཀའ་སྲུང་ཆོས་སྲུང་རྣམས་ཀྱི་མགོན་སྐྱབས་དང་།།
འགྱུར་མེད་དད་པ་མཀོན་མཆོག་གསུམ་མར་བསྐྱེད།།
རང་གི་སྙིང་སྟོབས་ཆེན་པོའི་སྒོ་ལས་བཞུགས།།
བཀྲིན་ཆེ། 🙏🙏🙏
རྩོམ་མི་ཕུར་པ་ཚེ་རིང་།
Comments
Post a Comment