རྒྱལ་ཀུན་མཁྱེན་པའི་ཡེ་ཤེས།། མཇམ་དབྱངས་མི་ཡི་ཟློས་གར།།
མཚན་དཔེ་ལང་འཚོའི་མེ་ཏོག། ཞིང་འདིར་འཁྱུངས་པ་དགའ་སོང་།།
མགོན་མེད་འགྲོ་བའི་སྐྱབས་མཆོག། བླ་མ་རྫོང་སར་མཁྱེན་བརྩེ།།
གང་སྐུ་མཇལ་བ་ཙམ་གྱིས།། འགྲོ་ནམས་བདེ་ལ་བཀོད་སོང་།།
མཛད་འཕྲིན་ཉི་ཟླ་འདྲ་བ།། འཛམ་གླིང་ཆོས་ཀྱི་རྒྱལ་པོ།།
ཁྱོད་གསུང་རྣ་བར་ཐོས་པས།། ཡིད་ཀྱི་མུན་པ་སེལ་སོང་།།
སྲིད་གསུམ་འཁྲོ་བའི་བླ་མ།། མཁྱེན་བརྩེ་ནུས་པའི་བདག་ཉིད།།
ཟག་མེད་ཐུགས་ཀྱི་འོད་ཟེར།། འཛམ་གླིང་ཡོངས་ལ་ཁྱབ་སོང་།།
འདི་རིང་བཀྲ་ཤིས་ཉིན་མོར།། དད་གསུམ་དང་བའི་མིག་ཆུ།།
གླུ་དང་གར་གྱི་མཆོད་པ།། ལྷ་མཆོག་ཁྱེད་ལ་ཕུལ་ཡོད།།
གདོས་ནས་སྐྱེ་འགག་བྲལ་ཡང་།། བསྟན་དང་འགྲོ་བའི་དོན་དུ།།
འཁོར་བ་མ་སྟོང་བར་དུ།། སྐུ་ཚེ་ཞབས་པད་བརྟེན་ཤོག། །།
བཀྲ་ཤིས་བདེ་ལེགས།
Comments
Post a Comment